藏族人有姓吗? 藏族姓氏来源

2年前 446

/uploads/image/2021/12/27/3a16b11944ee7282c4c75a90d2584ccd.jpg

西藏迄今为止保留姓氏的家族相对较少以至于产生了西藏没有姓氏的片面定义,但是纵观西藏悠久神秘的历史文化还是可以找到姓氏曾在西藏存在过的蛛丝马迹如:琼部·崩赛苏孜是吐蕃王朗日松赞和松赞干布的朝廷大臣,琼部是族姓,崩赛苏孜是名字。从严格意义上来说姓氏是西藏历史文化中的是族姓、血统和种族之义,卫藏地区甚至出现过以宅名为姓氏,随着众多藏传佛教分支出现,佛系词汇命名法流行导致了形式逐步式微直至完全消亡。由于佛教认为众生皆可成佛,不限姓氏种族,受这一思想影响,姓氏使用逐步衰落,并在历史的车轮中销声匿迹。姓氏是人类发展进步的重要里程碑,是民间文化的重要构成要素。所以对藏族姓氏的研究和发现是势在必行的局面和趋势。

མིག་སྔར་བོད་ཀྱི་རུས་རྒྱུད་ཐད་ལ་རྒྱུད་འཛིན་བྱེད་མཁན་ཉུང་བས་རྒྱུན་གཏན་འཚོ་བའི་ཁྲོད་དུ་བོད་ལ་རུས་མིང་མེད་པའི་ལྟ་བ་འགའ་དཔྱིད་ཀྱི་མྱུ་གུ་བཞིན་འཕེལ་ཡོང་བ་ཡིན་འོན་ཏེ་མཚར་སྣང་ལྡན་པའི་ལོ་རྒྱུད་ལ་བརྟག་ཚེ་་རུང་མིང་ཞེས་པ་དེ་སྔོན་བོད་ཡུལ་དུ་དངོས་སུ་ཡོང་མྱུང་བ་གསལ་པོར་ཤེས་ཐུབ་པ་སྟེ་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་བློན་ཆེན་ཁྱུང་པོ་པུང་ཟད་ཟུ་ཙེ་ཟེར་བ་ཞིག་ཡོད་པ་དང་དེ་ལས་ཁྱུང་པོ་ནི་རུས་མིང་དང་པུང་ཟད་ཟུ་ཙེ་ནི་མིང་ཡིན་ཞེས་པ་ལས་ཀྱང་གསལ་བཤད་ངེས་ཅན་ཞིག་བྱེད་ཐུབ་པར་བསམ་དེ་བས་ངེས་པར་བཤད་ཙ་ན་བོད་ཀྱི་རུས་མིང་ནི་ཕ་རུས་མ་རུས་སམཡང་ན་ཁང་མིང་རུས་མིང་དུ་ངོ་བོ་ཕྱོགས་པ་ཞིག་ཡིན་ཡང་དུས་རབས་བཅུ་ལྔའི་དུས་སུ་་བོད་ལ་སངས་རྒྱས་བསྟན་པ་བ་བའི་དུས་དང་བསྟུན་ནས་རུས་མིང་དབྱེ་བ་དང་དེ་ལ་གཙིགས་ཆེན་བྱེད་པའི་སྲོལ་དེ་རིམ་བཞིན་ཉམས་ཉེས་སུ་སོང་བ་ཡིན་། རུས་མིང་ནི་འགྲོ་བ་མིའི་རིགས་ཡར་རྒྱས་གང་འཕེལ་སོང་བའི་མཚོན་རྟགས་མེད་དུ་མ་རུང་བ་ཞིག་དང་དམངས་ཁྲོད་རིག་གནས་ཀྱི་ནང་གསེས་གལ་ཆེན་ཞིག་ཀྱང་ཡིན་པས་བོད་ཀྱི་རུས་མིང་ཐད་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་རྒྱུ་ནི་གལ་ཆེན་གྱི་གནས་ཚུལ་ཞིག་ཡིན་པར་བསམ།།

/uploads/image/2021/12/27/f0d2aea96fdcce01ee3eccd9ee39be3b.jpg


安3.jpg

姓氏的出现和衰落

藏族姓氏文化由来已久,据《印藏史集》、《贤者喜宴》等有关书籍的记载,姓氏出现在公元前一千五百年左右。最初西藏有六大姓氏,分别是四大姓二副姓,四大姓分别是懂、扎(古代和安多语中音为霸)、珠和噶,两个副姓是瓦尔、达(古代语和部分康巴地区口语音为杂)。这六个姓分别生活在藏区的四个部分,懂姓:懂姓是四大姓氏中的兄长姓,其发源地为康巴东、南地带的木雅地区。懂姓分为嘎波懂(白系懂姓)、那波懂(黑系懂姓)、穆波懂(紫系懂姓)、查沃懂(花系懂姓)等系,扎姓:其发源地在象雄,今天的阿里、拉达克、前藏上部一带属于这一姓的传统领地。珠姓:珠姓发源地为森巴,今康巴和卫藏的交界处这一姓氏如今分布在西藏各地,主要是嘉荣地区分布最广,噶姓:噶姓的发源地为后藏,瓦尔、达:作为副姓存在的瓦尔和达在历史进程中逐渐融于四大姓,根据传说,这两个姓是相姓(舅)但是对于这一传说现今没有确凿的理论依据。

བོད་ཀྱི་རུས་མིང་དབྱེ་སྲོལ་དེ་དར་ནས་དུས་ཡུན་ཧ་ཅང་རིང་པོ་སོང་ཡོད་པ་སྟེ་རྒྱ་གར་དང་བོད་ཀྱི་ལོ་རྒྱུད་ཕྱོགས་སྒྲིག་དང་ཆོས་འབྱུང་མཁས་པའི་དགའ་སྟོན་ལ་སོགས་པའི་ནང་དུ་འཁོད་པ་ལྟར་ན་རུས་མིང་ནི་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ལྔ་རྒྱའི་གཡས་གཡོན་དུ་ཐོན་པ་ཞིག་ཡིན་ལ་ཐོག་མར་བོད་ལ་གདོད་མའི་དུས་ཀྱི་རུས་མིང་དྲུག་བྱུང་མྱོང་ཡོད་དེ་དུང་དང་བཀྲ་དང་འབྲུག་ད་དུང་དགའ་དང་ཝ་དང་ཟླ་དེ་རྣམས་ཀྱང་ཆེ་བ་བཞི་གཙོ་བོ་དང་ཆུང་བ་གཉིས་ཕལ་པར་བྱས་པ་མ་ཟད་བོད་ཀྱི་ས་ཁུལ་ཁག་བཞི་རུ་འཚོ་གནས་བྱེད་པ་ཡིན་ཏེ་རུས་དུང་ནི་ཆེ་བ་གཅེན་པོའི་གྲས་སུ་གནས་པ་དང་ཡུང་ཁུལ་ནི་ཁམས་མི་ཉག་ཡུལ་ནས་ཡིན་ཞིང་དེ་ལ་དཀར་པོ་དུང་དང་ནག་པོ་དུང་སྨུག་པོ་དུང་ད་དུང་ཁྲ་བོ་དུང་བཅས་ཡོད་པ་དང་རུས་མིང་བཀྲ་ནི་ཞང་ཞུང་གི་ཁུལ་ཏེ་དེང་གི་མངའ་རིས་དང་ལ་དྭགས་སོགས་སྟོད་ཁུལ་ལས་བྱུང་བ་ཡིན་པ་དང་འབྲུག་ཞེས་པ་ནི་ཁམས་དང་དབུས་གཙང་གཉིས་འབྲེལ་མཚམས་གྱི་ས་ལས་བྱུང་བར་བཤད་ཅིང་དགའ་ནི་གཙང་ཁུལ་ལས་བྱུང་བར་བཤད་ལ་ཝ་དང་ཟླ་ཞེས་ཆེ་བ་བཞི་ལས་རྒྱ་ཆེས་པའི་འདི་གཉིས་ནི་ལོ་རྒྱུད་ཀྱི་ཆར་རྒྱུན་འོག་ཆེ་བ་བཞིའི་ནང་དུ་ཚུད་པར་གྲགས།།

安11.jpg

早期的藏族姓氏素来以这样的方式延用承袭,后期随着藏传佛教的盛行人们遵从“众生平等”的佛性观念,在一定程度上导致了姓氏称号制度及姓氏确认习俗走向衰落。实行姓氏称号制度的社会里新生儿的名字均由家里的长辈或者部落组长取名,《贤者喜宴》记载“出生不久的第三十一世吐蕃藏王达日年斯被带到长辈面前取名字,由于眼盲,长辈取名(门砻棍巴扎西)”,随着藏传佛教在西藏的弘扬和发展姓氏称号制度不得向请求各自崇信的藏传佛教派别上师赐名的习俗低头妥协,在新生儿父母和长辈的请求下上师会用所属派别祖师名字的一部分,或者上师自己法号的一部分加上新名的形式命名,由此,藏族取名文化带上了浓重的宗教色彩。

བོད་ཀྱི་རུས་མིང་དེ་གདོད་མའི་དུས་སུ་དེ་ལྟར་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པ་ཡིན་ཡང་ནང་པའི་ཆོས་བོད་དུ་དར་བའི་སྐབས་དེ་ནས་བཟུང་རུས་མིང་དང་མ་ཟད་བོད་ཀྱི་མིང་འདོགས་པའི་སྲོལ་ཐམས་ཅད་ཧ་ཅང་རྙོག་འཛིང་ཆེ་བའི་དུས་སྐབས་ཤིག་ཏུ་འགྱུར་ཡོད་པ་ཡིན་སྔོན་གྱི་དུས་སུ་ཁྱིམ་ནང་དུ་ཕྲུ་གུ་སྐྱེས་ཚེ་རྒན་རབས་ཀྱིས་མི་འདོགས་པའི་སྲོལ་ཡོད་པ་དཔེར་ན་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་སྐུམའཁྲུངས་རྗེས་རྨོ་བོའི་དྲུང་དུ་སོང་ཏེ་མིང་འདོགས་པར་བཞུས་པས་རྨོ་བོས་མིང་ལ་དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་བཏགས་པའི་ལོ་རྒྱུད་ཀྱང་ཡོད་པ་ཡིན་འོན་ཏེ་ནང་པའི་ཆོས་ལུགས་བོད་དུ་དར་རྗེས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་ནང་པའི་དགོངས་ཚུལ་ལྟར་དམངས་ཁྲོད་དུ་རུས་མིང་དེད་པའི་སྲོལ་གྱི་ཚབ་ཏུ་རང་གི་དད་པ་ཡོད་པའི་བླ་ཆེན་དག་ལ་མིང་འདོགས་པའི་རེ་འདུན་བཞུ་གི་ཡོད་དོ།།

 

/uploads/image/2021/12/27/6256b8aab03f7e1dcc506b7270203a39.jpg

安6.jpg

姓氏的存在意义(རུས་མིང་གི་དོན་སྙིང་དང་དགོས་པ་)

一、有效防止近亲通婚(༡ .གཉེན་ཉེ་སོགས་ཕན་ཚུན་གཉེན་སྒྲིག་པར་སྔོན་འགོག་བྱེད་ཐུབ་པ་)

人道主义和遗传学甚至是法律都曾明令禁止近亲通婚,所以在医学和法律制度并非完整的西藏姓氏的存在有效防止亲通婚,牧民有谚父姓如螺无瑕疵勿使白螺染污垢母姓恰如绿松石妥帖保护防碎裂。农牧民群众认为保护姓氏纯洁性是天经地义的,是生而为人的基本义务挑战纯洁性被认为是最可耻的必将被人所耻笑、唾弃。在传统的嫁娶婚俗礼仪中媒婆和双方父母会提前向长辈和知情人询问对方的姓氏,确定相互并非近亲关系后方会同意和赞成嫁娶。

མི་ཆོས་རིང་ལུགས་དང་རྒྱུད་འདེད་རིག་པ་ཐ་ན་ཁྲིམ་ལུགས་ཐད་ནས་བརྗོད་ནའང་གཉེན་ཉེ་ཕན་ཚུན་གཉེན་སྒྲིག་བྱེད་པ་ནི་དང་ལེན་བྱེད་མི་རུང་བ་ཞིག་ཡིན་པས་རུས་མིང་ངོས་འཛིན་དང་དང་ལེན་བྱས་པ་དེས་ཁྲིུམས་ལུགས་དང་སྨན་བཅོས་ལག་རྩལ་དེ་ཙམ་ལེགས་པོ་མེད་པའི་བོད་ཡུལ་དུ་གཉེན་ཉེ་ཕན་ཚུན་གཉེན་སྒྲིག་པའི་་གནས་འཚུལ་མི་ཡོང་བར་སྔོན་འགོག་བྱེད་པར་ནུས་པ་དམིགས་གསལ་ཅན་ཞིག་ཐོན་ཡོད་དེ་འབྲོག་ཁུལ་གྱི་ཤོད་རྒྱུན་ལྟར་ན་ཕ་རུས་དུང་ལ་བཙོག་མ་བྱེད་མ་རུས་གཡུ་ལ་ཆག་མ་གཏོང་ཟེར་བ་ལྟར་ཞིང་འབྲོག་མང་ཚོགས་ཀྱི་བསམ་པར་རུས་རྒྱུད་ཀྱི་དྭངས་གཙང་ལ་གནོད་བྱེད་པ་ནི་གནམ་འོག་མིས་འཕྱ་སྨོད་བྱེད་པའི་གནས་ཡིན་པས་སྔར་ནས་ད་བར་བག་མ་དང་མག་པ་སྟེར་སློང་བྱེད་སྐབས་སུ་རུས་རྒྱུད་གང་ཡིན་སྐོར་སྐད་ཆ་གསལ་པོ་དྲིས་ཏེ་རིགས་རུས་ལ་གནོད་སྐྱོན་མི་ཡོང་བ་བྱེད་ཀྱི་ཡོད་དོ།།

二、确认亲属关系(༢. སྤུན་ཆེད་ཀྱི་འབྲེལ་བ་གཏན་འཁེལ་ཡོང་བར་རམ་འདེགས་བྱེད་པ།)

藏地徒步爱好者在徒步去朝拜的路上偶然捡到了一盒茶叶,看到手握昂贵茶叶的信徒,周围村子的人都相继过来认亲,面对这样的情况人们通常采用姓氏认亲的方式,一旦确定是同一姓氏便是亲属无论之前认识与否都可为相互信赖、依仗的对象在由那曲市政协整理的书籍《西藏那曲藏族姓氏文化调研》一书中阐述:“那曲是当今活态保留、应用藏族姓氏最多、最完整的区域之一”,在那曲全境保留着“同姓即亲戚”的亲戚观,同姓间必然互相照应帮助。

ཇ་བག་ཆུང་བརྙེད་པའི་གནས་བསྐོར་བའི་དཔེ་ང་ལ་ཨ་ཁུ་མེད་པར་ཨ་ཁུ་བྱུང་ང་ལ་ཨ་ནེ་མེད་པར་ཨ་ནེ་བྱུང་ཟེར་བ་བཞིན་རྒྱུ་དང་འབྱོར་བ་ཡོད་པར་སྤུན་མང་མིའི་རང་གཤིས་ལྟར་ན་སྤུན་ཆེད་གང་བྱུང་ངོས་འཛིན་བྱེད་པའི་གནས་ཚུལ་མང་པོ་ཐོན་གྱི་ཡོད་པ་དེར་གཞིགས་ཏེ་ཤེས་རབ་ཅན་གྱི་མི་རྣམས་ཀྱིས་རུས་མིང་ལ་བལྟས་ནས་སྤུན་ཆེད་དང་སྤུན་ཆེད་ཀྱི་འབྲེལ་བ་ངོས་བཟུང་ཡང་ན་གཏན་འཁེལ་བྱེད་ཀྱི་ཡོད་ལ་རུས་གཅིག་པ་སྤུན་ཆེད་ཡིན་པའི་འདུ་ཤེས་འཛིན་ནས་ཕན་ཚུན་དབར་གཅིག་ཕན་གཅིག་རོགས་བྱེད་ཀྱི་ཡོད་པ་ཡིན།།


/uploads/image/2021/12/27/29b1fbebf10c8d49da61c331fe9aec0a.jpg/uploads/image/2021/12/27/f7e5006e9750635bf7e03f8f6fa172b9.jpg

 结(ཕྱོགས་བསྡོམས་)

藏族姓氏的来源和历史有力证明了藏族并非“无姓氏”只是在历史的长河里逐渐退出人们的视线和生活,随着思维方式的进步西藏的姓氏保护意识逐渐增强,目前而言在生活和习惯中易于强调说明自己的姓氏来源,充分的证明了藏族姓氏文化是藏族人民在长期的社会生活实践中发现并发展的具有鲜明民族特征的传统民间文化,藏族姓氏在长期的历史文化生活中充当了法律和遗传学的角色为藏族人民的生活提供了诸多便捷和帮助,所以保护、研究和传承藏族形式文化是当今迫在眉睫的要事。

བོད་ཀྱི་ལོ་རྒྱས་ཡུན་རིང་ལྡན་པའི་རུས་མིང་གི་འབྱུང་ཁུངས་ལས་བོད་ཁུལ་ནི་རུས་མིང་མེད་པའི་མི་རིགས་ཤིག་རྩ་བ་ནས་མ་ཡིན་ཏེ་ལོ་རྒྱུད་ཀྱི་ཆུ་རྒྱུན་རིང་མོའི་ནང་རིམ་བཞིན་མི་རྣམས་ཀྱི་དྲན་པའི་ཡུལ་ལས་ཡལ་བ་ཙམ་ཡིན་པ་གསལ་བཤད་བྱས་ཡོད་ དེང་སྐབས་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་གོང་མཐོར་འགྲོ་བ་དང་བསྟུན་ནས་རུས་མིང་ལ་དོ་སྣང་བྱེད་པའི་འདུ་ཤེས་ཀྱང་ཇི་ལེགས་སུ་འགྲོ་བཞིན་ཡོད་པ་དེ་ལས་བོད་ཀྱི་རུས་མིང་རིག་གནས་ནི་བོད་རིགས་མི་དམངས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་བྱུང་བ་ཡིན་པ་གསལ་པོར་ཤེས་ཐུབ་ལ་བོད་ཀྱི་རུང་མིང་རིགས་གནས་ལ་བཤུལ་འཛིན་དང་ཞིབ་འཇུག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནས་ཚུལ་ཞིག་ཡིན་པ་སེམས་སུ་བཟུང་དགོས་སོ།།

关于西藏姓氏参考文献

[1] 才仁郎公、索如·嘎玛贡加《西藏那曲藏族姓氏文化调研》

[2] 巴卧·祖拉陈瓦《贤者喜宴》

[3] 白玛玉珍《藏族姓氏》

图片来源

(美)哈里森·福尔曼(Harrison Forman)

安10.jpg

安9.jpg


图片2.png


西藏游

客服电话

4006356676

周一至周日 08:00-23:00

icon-wechat

微信扫一扫

免费咨询微信客服

WeChat