专注于西藏旅游
从事西藏旅游20多年,独创的产品和领先的服务标准
藏族作为长期生活在青藏高原上的民族有着自己独特的文化和技术,藏族的很多艺术文化都沾染着浓厚的佛教色彩,作为中华艺术工艺界瑰宝之一的藏族雕刻艺术在佛教中也占有一席之地。藏族雕刻艺术的起源要从古老时期开始萌芽并且发展到现在有着剧烈的民族文化特征和色彩。藏族雕刻艺术的种类繁多:金、银、铜、铁、木头和石头等,常用刀法包括旋、刻、插、划、转、画削、抠、镂空等。很多文化和艺术都和宗教有着千丝万缕的关系在本文中笔者将对藏族佛教雕刻艺术的发展进行略说。
ཡུན་རིང་གངས་ལྗོངས་མཐོ་སྒང་དུ་འཚོ་གནས་བྱེད་པའི་བོད་མི་རིགས་ཀྱི་ངོས་ནས་བརྗོད་ན་རང་ལ་དབང་བའི་རིག་གནས་དང་ལག་རྩལ་ཡོད་ལ་དེ་བས་བཟོ་གྲི་སྨྱུ་གུར་འཛིན་པའི་བཀོད་མའི་ལག་རྩལ་དེ་ནི་ཀྲུང་ཧྰ་མི་རིགས་ཀྱི་རིག་གནས་ལྡུམ་རའི་ནང་ཆེས་མཛེས་སྡུག་དང་ཁྱད་ཆོས་ལྡན་པའི་ནོར་བུ་ཞིག་ཡིན།བཀོད་མའི་ལག་རྩལ་དེར་རྒྱུ་ཆའི་སྟེང་ནས་དབྱེ་ན་སེར།དངུལ།སངས།ལྕགས་དང་ཤིང་ད་དུང་རྡོ་ལ་སོགས་པ་ཡོད་ལ་རྒྱུན་སྤྱོད་ལག་རྩལ་ཐད་ནས་དབྱེ་ནའང་བསྐོར་བ།བཀོད་པ།རྟགས་རྒྱབ་པ་ད་དུང་རྣོ་འདོན་པ་དང་ཚག་དཀྲོལ་བྱེད་པ་སོགས་ཀྱི་ལག་རྩལ་མང་པོ་ཡོད་ལ་དེ་བས་བོད་ཀྱི་རིག་གནས་དང་ལག་རྩལ་ཡང་ཆོས་ལུགས་དང་འབྲེལ་བ་དམ་གཟབ་ཡོད་པས་ང་ཚོ་མཉམ་དུ་བོད་ཀྱི་ཆོས་ལུགས་དང་རྡོ་བཀོད་རིག་གནས་དབར་ལས་འཕྲོ་ཇི་ལྟ་བུ་ཞིག་ཡོད་པ་གཟིགས་ཙམ་གནང་བར་བཞུ།།
藏族雕刻史籍中记载拉妥妥日年赞时期已经有了藏族雕刻艺术的出现到了藏王松赞干布时期,赞普为了鼓励藏民学习工巧等方面的知识,有学问者得以尊敬、加赏, 且国王自己带头学习工巧, 后来也成为一名雕刻专家。拉萨大昭寺里有108个狮子的形态雕在各种木制上, 根据佛教建造经堂之需, 从内地和尼泊尔等地引进了许多雕刻家, 他们在拉萨等地雕刻了许多神像、经文、咒语。大昭寺的四个大门以坛城绘刻, 四角刻有雍宗相 (象征坚固不摧永恒常在的符号),赤松德赞王时期,在原有雕刻的基础上得到了空前的发展。当时在藏区除了在木制和石板上雕刻也存在宝物上雕有各种图案和文字等,如拉萨大昭寺里用绿松石雕刻的有“不空成就如来”像和“度母桑巡”、用珊瑚雕成的有“无量寿佛”、青金石上用海螺镶成的有“金刚空行”、用香木雕成的有“仁钦空行”、铜蓝雕成的有“空行佛”、用白檀香雕成的有“莲花生大师”等等, 至今也完好无损的供俸着。
在藏区引进其他民族的技艺和原料而雕刻成的也有许多独特的雕像。比如拉卜林寺佛像的铸造者来自印度、孟加拉、尼泊尔、伊朗等国和国内西藏、青海、蒙古、北京等地第一流的工匠,打造了我国雕刻艺术界的一流工艺技术。刻制的经书印板方面,大明皇帝永乐在南京首次刻制藏文《甘珠尔》印版以来,德格王敦巴泽仁的组织下刻制了“德格版”《甘珠尔》,随后相继出现了那塘印经院、雪印经院和卓尼印经院等,这些雕刻艺术的出现为当今乃至将来藏族雕刻和绘画艺术发展起到不可估量的作用。
此外在藏区随处可见的那些刻在石头上的各种经文和“六字真言”数不胜数,成了藏族的一大特点。西藏的雕刻艺术在西藏也有较为广泛的用途,其中木雕作为日常生活中必备的工艺技术后藏地区有很多专门从事木雕的手艺人,专门订做木雕家具,他们以刀为笔以木为纸刻画了一个个生动活泼的雕刻图案。
བོད་ཀྱི་བཀོད་མའི་ལོ་རྒྱུད་དེབ་ཐེར་ཐོག་བཀོད་པ་གཞིགས་ན་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ནས་བོད་ལ་བཀོད་མའི་ལག་རྩལ་དར་ཡོད་པ་དང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མི་དམངས་རྣམས་ཀྱིས་བཟོ་རྩལ་ལག་ཤེས་སྦྱོང་བ་དང་རིག་གནས་ཡོད་པའི་མི་ལ་དད་གུས་བྱེད་དགོས་པའི་བསྐུལ་མ་བྱེད་པ་མ་ཟད་རྒྱལ་པོ་རང་ཉིད་ནས་མགོ་ཁྲིད་ཏེ་སློབ་སྦྱོང་གནང་བས་རྗེས་སུ་བཀོད་མའི་ཐད་ཀྱི་མཁས་དབང་ཞིག་ཏུ་འགྱུར་པ་ཡིན་ལ་ལྷ་སའི་གཙུག་ལག་ཁང་ནང་དུ་བཀོད་མ་བྱས་ཡོད་པའི་སེང་གེའི་འདྲ་གཟུགས་༡༠༨དེ་ཡང་སྐབས་དེར་དགོན་ཁང་བཞེངས་པའི་དགོས་མཁོར་གཞིགས་ཏེ་ནང་ས་དང་བལ་པོ་སོགས་ནས་བཀོད་མའི་ཐད་ཀྱི་མཁས་དབང་མང་པོ་གདན་དྲངས་ཏེ་བཟོ་བཀོད་བྱས་པ་ཞིག་ཡིན་ལ་ཁོ་ཚོས་ས་ལྷ་ལ་སོགས་པའི་ས་ཆར་ལྷ་སྐུ་དང་སྔགས་ཡིག་ད་དུང་དཔེ་ཆའི་ཚིག་སོགས་བཀོད་པ་དང་དུས་མཚུངས་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིའི་རྒྱལ་སྒོའི་སྟེང་དུ་དཀྱིལ་འཁོར་དང་གཡུང་དྲུང་གི་རི་མོ་བཀོད་དེ་རྟག་བརྟན་མི་འགྱུར་གྱི་དོན་མཚོན་པར་བྱས་ཡོད་པས་དེ་ལྟ་བུའི་བཀོད་མའི་ལག་རྩལ་དང་བཟོ་བཀོད་རྒྱུ་རྩལ་གྱིས་མི་རྣམས་ཀྱི་ཡིད་ཀྱི་འདུན་པ་དབང་མེད་དུ་འཕྲོག་ཡོད་པ་ཡིན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སྔར་ཡོད་ཀྱི་བཀོད་མའི་ལག་རྩལ་གྱི་རྨང་གཞིའི་ཐོག་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ་ཤིང་དང་རྡོ་ཐོག་ལ་བཀོད་མ་བྱེད་པ་ནས་ནོར་བུའི་རིགས་ཆས་ཀྱི་སྟེང་དུ་བཀོད་མ་བྱེད་པའི་སྲོལ་བྱུང་བ་ཡིན་ཏེ་ལྷ་སའི་གཙུག་ལག་ཁང་གི་ནང་དུའང་གཡུ་ཡི་སྟེང་དུ་རྒྱལ་དབང་མི་གྲུབ་པ་དང་སྒྲོན་མ་གསུང་བྱོན་མའི་སྐུ་བརྙན་བཀོད་པ་དང་བྱུ་རུའི་སྟེང་དུ་བཟོ་བཀོད་བྱས་པའི་རྒྱལ་དབང་ཚེ་དཔག་མེད་པའི་སྐུ་བརྙན་ད་དུང་བཙན་དན་དཀར་པོའི་ཐོག་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྐུ་འདྲ་བཀོད་པ་ལ་སོགས་པའི་རིག་དངོས་ད་གཟོད་ཀྱང་ཆ་ཚང་བར་ཉར་ཚགས་བྱས་ཡོད་པ་རེད་ལ་བོད་ཁུལ་དུ་མི་རིགས་གཞན་གྱི་བཟོ་བརྩལ་དང་རྒྱུ་ཆ་ལས་བཟོས་པའི་སྐུ་འདྲའང་མང་པོ་ཡོད་དེ་དཔེར་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྐུ་འདྲ་མང་པོ་ཞིག་རྒྱ་གར་དང་བལ་པོ་བྷང་ག་ལ་ད་དུང་དབྱི་རན་རྒྱལ་ཁབ་དང་ནང་ས་སོགས་ཀྱི་བཟོ་རྩལ་མི་སྣའི་ཕྱག་སོར་ལས་བྱུང་བ་ཞིག་ཡིན་པར་གྲགས་སོ།དཔེ་ཆ་བཀོད་མ་བྱེད་པའི་ཐད་ནས་བཤད་ན་མིན་རྒྱལ་རབས་ཀྱི་གོང་མ་ཡོང་ལོས་ནན་ཅིང་དུ་བོད་ཡོག་གི་དཔེ་ཆ་ཐོག་མ་བཀའ་འགྱུར་ པར་སྐྲུན་བྱས་པ་ནས་བཟུང་རིམ་བཞིན་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་སྡེ་དགེའི་བཀའ་འགྱུར་ཐོག་མ་དེ་བྱུང་ཞིང་དེ་རྗེས་སྣར་ཐང་པར་ཁང་དང་ཞོལ་པར་ཁང་ཅོ་ནེ་པར་ཁང་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་བ་ཡིན་དཔེ་ཆ་དེ་རིགས་ཀྱི་ནང་དུ་བཟོ་རྩལ་ཁྱད་དུ་འཕགས་པའི་མི་དང་སྲོག་ཆགས་སོགས་གྲངས་ལས་འདས་པ་མང་པོ་ཡོད་པ་དེས་བོད་ཀྱི་བཀོད་མའི་རིག་ལག་རྩལ་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཁྲོད་དུ་ཧ་ལས་ཤིང་ཧང་སངས་དགོས་པའི་ནུས་པ་ཆེན་པོ་འདོན་འཕེལ་བྱས་ཡོད།ད་ལྟ་ང་ཚོས་མཐོང་མང་ཤོས་ཀྱི་ཆོས་ལུགས་དང་འབྲེལ་བའི་བཀོད་མའི་རིག་གནས་ཀྱི་རྣམ་པ་ནི་རྡོ་བརྐོས་ཐོག་གི་མ་ཎི་ཡིག་དྲུག་དང་ལྷ་སྐུ་དེ་དག་ཡིན་ལ་དེས་ཀྱང་བོད་ཀྱི་མཐུན་མོངས་མ་ཡིན་པའི་མི་ཆོས་ལོ་རྒྱུད་ཤིག་ཏུ་འགྱུར་ཡོད་པ་རེད།།
总 结
藏族雕刻艺术有着悠久的历史文化特征和浓厚的名族气息,笔者通过自己的浅薄的知识文化在本文中向大家概述了藏族雕刻艺术在佛教文化中的应用和发展历史,实质上藏族雕刻文化在藏区有着极其广泛的应用甚至早已渗入到人们的生活和生命中。木雕作为藏族民间的雕刻手艺被人们赋予生命舞动在房屋、家具和日常用品,木雕手艺人在后藏地区尤其之多,生活中他们传承这一优秀文化,木雕艺术又养育了他们一代又一代。我们要学习和传承这一优秀传统文化,为我们的子孙后代保留一个文化瑰宝。
བོད་ཀྱི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་མི་རིགས་ཀྱི་ཁྱད་ཆོས་ཀྱང་ཆེས་ཆེར་ལྡན་པ་ཞིག་ཡིན་པས་རྩོམ་པོས་རང་གི་ཤེས་ཚོད་རྒྱ་མཚོའི་ཆུ་ཐིགས་ལྟ་བུ་དེས་རང་རིགས་བོད་ཀྱི་བཀོད་མའི་རྒྱུ་རྩལ་དེ་ཇི་ལྟར་བྱས་ནས་འཕེལ་རྒྱས་སོང་བའི་སྐོར་རགས་བཤད་བྱས་ཡོད་ནའང་ལེགས་པར་བརྗོད་ན་བོད་ཀྱི་བཀོད་མའི་རིགས་གནས་དེ་ནི་བོད་རིགས་མི་དམངས་ཀྱ་འཚོ་བ་དང་ནམ་ཡང་བྲལ་ཐབས་མེད་པ་ཞིག་ཡིན་ཏེ་ད་ལྟའང་དབུས་གཙང་ས་ཁུལ་དུ་དར་གསོ་ཆེ་བའི་ཤིང་བཟོའི་ལག་རྩལ་ཡང་རང་རིགས་བོད་ཀྱི་བཀོད་མའི་ལགརྩལ་གྱི་གྲས་ཤིག་ཡིན་ལ་དེ་ལྟ་བུའི་མ་དཔེའང་ཆེས་མང་བར་མཐོང་རྒྱུ་ཡོད་པ་ཡིན་པས་ང་ཚོས་དེ་ལྟ་བུའི་རིག་གནས་ལག་རྩལ་ལ་རྒྱུན་འཛིན་བྱ་རྒྱུ་ནི་གལ་ཆེ་བར་སེམས་སོ།།
客服电话
4006356676
周一至周日 08:00-23:00
微信扫一扫
免费咨询微信客服